大雄宝殿建设的缘起及内奉佛像介绍 (藏、汉)

色须菩提光2019-11-20 06:39:23

色须寺大殿修建缘起及其内奉佛像佛殿状况


༄༅།།དེ་ལ་འདིར་ལྷར་བཅས་འགྲོ་བའི་ཡིད་སྨོན་༧སྐྱབས་རྗེ་ཁྲི་པ་ཡིད་བཞིན་ནོར་བུ་ཐུབ་བསྟན་སྙན་གྲགས་ཆོས་ཀྱི་རྒྱལ་མཚན་མཆོག་གི་རླབས་ཆེན་ཐུགས་རྗེའི་གྲིབ་བསིལ་གྱི་འོག་ནས།མདོ་ཁམས་རྫ་སེར་ཤུལ་དགོན་ཐེག་ཆེན་དར་རྒྱས་གླིང་གི་ཚོགས་ཆེན་འདུ་ཁང་ཆེན་མོ་རྟེན་བརྟེན་པ་དང་བཅས་པ་གསར་བཞེངས་གནང་དགོས་དོན་ནི།སྤྱི་ལོ་༢༠༠༥ལོར་སྙན་པའི་གྲགས་པ་ཕྱོགས་ཀུན་ཏུ་གཡོ་བའི་མདོ་ཁམས་རྫ་སེར་ཤུལ་དགོན་ཐེག་ཆེན་དར་རྒྱས་གླིང་འདི་ལ་གྲྭ་བའི་ཞལ་གྲངས་མང་བ་དང་།སྔར་གྱི་འདུ་ཁང་རྙིང་པ་གཉིས་གཞི་རྒྱ་ཆུང་བ།རྒྱུ་ཆའི་དངོས་པོ་སོགས་ཧ་ཅང་ཞན་སྐྱོན་ཆེ་སྟབས་དབྱར་ཆར་ཆུས་འཇིག་པ་དང་།དགུན་གྲང་ངར་གྱིས་ཉེན་འཇིག་སོགས་ཆེ་བའི་དབང་གིས་དགེ་འདུན་པ་སྤྱི་ཡོངས་ནས།གཙུག་ལག་ཁང་ལེགས་པོ་ཞིག་བཞེངས་ཐུབ་ན་ཅི་མ་རུང་སྙམ་པའི་འདུན་པ་ཤུགས་དྲག་ཡོད་པར་མ་ཟད།ལྷག་པར་སྐུ་ཞབས་སྨན་ཤུལ་རིན་པོ་ཆེ་དང་།ཨ་ཤུལ་བླ་མ་རིན་པོ་ཆེ་རྣམ་གཉིས་ཀྱི་ཐུགས་འདུན་ལ་སྔར་ནས་འདུ་ཁང་གསར་བཞེངས་གནང་རྒྱུར་ཐུགས་འདུན་ཧ་ཅང་ཆེན་པོ་ཡོད་ཅིང་།རྒྱལ་ཕྱི་ནང་གང་ས་ནས་ཕེབས་པའི་དད་ལྡན་སྦྱིན་བདག་ཁག་གིས་ཀྱང་དགེ་འདུན་པ་རྣམས་ལ་འདི་ལྟ་བུའི་དཀའ་ངལ་ཡོད་པར་གཟིགས་ནས་གཙུག་ལག་ཁང་གསར་བཞེངས་ལ་ཚང་མས་རོགས་རམ་བྱེད་ཆོག་ཅེས་ཁས་བླངས་པ་སོགས་ལ་བརྟེན་ནས།༧སྐྱབས་རྗེ་དཔོན་ཚང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ལ་སྔར་གྱི་ལུང་བསྟན་དང་ཐུགས་བསྐྱེད་ཟབ་མོ་དུས་སུ་སྨིན་ཏེ་གཙུག་ལག་ཁང་གསར་བཞེངས་གནང་རྒྱུའི་ཐུགས་སྟོབས་ཕུལ་དུ་བྱུང་བ་འཁྲུངས་ཤིང་།སེར་ཤུལ་དགོན་པའི་བླ་ལས་ལྷན་ཚོགས་རྒྱས་འཛོམས་སར་གཙུག་ལག་ཁང་གསར་བཞེངས་གནང་རྒྱུར་ཐུགས་ཐག་བཅད།དེ་བཞིན་ལོ་འགའི་ནང་ཁོང་དགེ་བའི་བཤེས་གཉེན་རྣམས་ཀྱི་བཀའ་དྲིན་ལས་ཕྱོགས་གང་ས་ནས་གྲྭ་རྒྱུན་ཤིན་ཏུ་མང་པོ་ཞིག་ཕེབས་དང་ཕེབས་བཞིན་པ་དེ་དག་བཞུགས་ཡུལ་གྱི་ཁམས་ཚན་དང་།མཐོ་རིམ་ནང་བསྟན་སློབ་གླིང་ཡང་སྔར་གྱི་འདུ་ཁང་ཆུང་དྲག་པ་བཅས་ལ་བརྟེན།དེ་ཐམས་ཅད་གསར་བཞེངས་མ་བྱས་ཐབས་མེད་ཡིན་སྟབས།དེ་ཐམས་ཅད་མཉམ་གཅིག་ཏུ་གསར་བཞེངས་གནང་རྒྱུ་ཡང་༧སྐྱབས་རྗེ་ཁྲི་པ་རིན་པོ་ཆེ་ཁོང་གིས་ཐུགས་ཐག་བཅད།

从2005年开始,由于前来闻名遐迩的色须寺求学的僧众越来越多,加之原有的两座大殿建筑材料极其破旧,夏挡不住雨水,冬耐不住寒风。为此,寺院全体僧众渴望能有一座新的大殿,而且众所周知,曼须仁波切和阿须仁波切早就有这方面的强烈愿望。前来参观拜佛的新老信众也看到寺院僧众求学场所面临的具体困难,也发心尽所能及地帮助大殿的修建。应将赤巴仁波切前世修来的因缘成熟,他内心生起修建大殿的强烈愿望和伟大发愿。于是,色须寺全体活佛及管家聚集处,宣布并决定“修建色须寺大殿”的历史性的壮举。

时过不久,由于各位格西和善知识的不懈努力下,前来前来求学的僧众迅猛增加,又面临缺乏僧舍和原有高级佛学院的大殿因规模小导致容纳不了更多闻思学院的严峻问题,为此,赤巴仁波切又一次发大心、行大愿,修建寺院大殿的同时,一并修建僧舍和高级佛学大殿的决定,对寺院的空前发展提供了无限的前途。

༢༠༠༥ལོར་གཙུག་ལག་ཁང་རྟེན་བརྟེན་པ་དང་བཅས་པ་གསར་བཞེངས་གནང་རྒྱུའི་མགོ་འཛུགས་བྱས་ཤིང་། དེ་ཡང་གཙུག་ལག་ཁང་གི་ནང་རྟེན་གྱི་གཙོ་བོ་ནི་སྟོན་པ་མཉམ་མེད་ཐུབ་པའི་དབང་པོ་གཙོ་འཁོར་གསུམ།གཡས་ཕྱོགས་སུ་རྗེ་ཡབ་སྲས་གསུམ་དང་། གཡོན་ཕྱོགས་སུ་རྒྱལ་པཎ་རྣམ་གཉིས་དང་དགོན་འདིའི་བསྟན་བདག་༧རྗེ་བཙུན་བློ་བཟང་ཡེ་ཤེས་བསྟན་འཛིན་སོགས་ཀྱི་སྣང་བརྙན་ཆེ་ཚད་ཐོག་བརྩེགས་གཉིས་ཅན་དང་།དེ་དག་གི་གཡས་ཕྱོགས་སུ་འཕྲིན་ལས་ལྷ་མཆོག་རྗེ་བཙུན་མ་སྒྲོལ་ལྗང་གཙོ་བོར་གྱུར་བའི་འཕྲིན་ལས་ཀྱི་ལྷ་ཚོགས་སྒྲོལ་མ་ཉེར་གཅིགགཡོན་ཕྱོགས་སུ་རྗེ་བཙུན་འཇམ་དབྱངས་སྨྲ་སེང་གཙོ་བོར་གྱུར་བའི་ཤེས་རབ་ཀྱི་ལྷ་ཉེར་གཅིག

因此,2005年开始修建大殿及其殿内供奉的三所依。

大殿一层:主尊为释迦牟尼佛三师徒佛像,右为宗喀巴三师徒佛像,左为达赖和班禅像,以及寺院创建人至尊洛桑益西旦增等佛像,最大佛像高有两层。其佛像的右边奉绿度母为主的二十一度母等德业众神佛像,左边奉文殊语狮子为主的二十一尊智慧众神佛像。

ཐོག་བརྩེགས་གཉིས་པའི་ཁར་འཕགས་མཆོག་རིག་གསུམ་མགོན་པོའི་རྣམ་སྤྲུལ་ཁམས་གསུམ་འགྲོ་བའི་བླ་མ་ཤར་རྒྱལ་བ་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱི་སྐུ་བརྙན་སྟོང་སྐུ།དེ་བཞིན་དུ་ལྗོངས་འདིའི་གདུལ་བྱ་ཕོ་མོ་རྣམས་ཀྱི་ཚེ་ཡི་བར་ཆད་བཟློག་པའི་ཆེད་དུ་རྒྱལ་བ་མགོན་པོ་ཚེ་དཔག་མེད་ལྷ་དགུ་དང་།ཚེ་ལྷ་རྣམ་གསུམ་གཙོ་བོར་གྱུར་བའི་ཚེ་དཔག་མེད་ཀྱི་སྐུ་བརྙན་སྟོང་སྐུ།སྙིགས་དུས་ཀྱི་སྐྱེ་འགྲོ་མ་ལུས་པར་རྒྱུ་དུག་གསུམ་གྱིས་བསྐྱེད་པའི་ནད་རིགས་འགོག་པའི་ཆེད་དུ་སངས་རྒྱས་སྨན་བླ་བདེ་གཤེགས་མཆེད་བརྒྱད་གཙོ་བོར་གྱུར་བའི་སྨན་བླའི་སྐུ་བརྙན་སྟོང་སྐུ།འཕྲིན་ལས་ཀྱི་ལྷ་མཆོག་རྗེ་བཙུན་སྒྲོལ་མའི་སྣང་བརྙན་སྟོང་སྐུ།དེ་དག་གི་མཐའ་འཁོར་དུ་རྒྱལ་པཎ་རྣམ་གཉིས་ཀྱི་བཞུགས་ཤག་དང་།དགོན་འདིའི་བསྟན་བདག་སྨན་ཤུལ་རིན་པོ་ཆེ་དང་།དཔོན་ཚང་མཆོག་སྤྲུལ་རིན་པོ་ཆེ་རྣམ་གཉིས་ཀྱི་བཞུགས་ཤག་དང་རུང་ཁང་།ཚོགས་འདུ་ཁང་ཆེན་མོ་སོགས་ཡོད།

大殿二层:奉宗喀巴大师千尊佛像,为有缘善男信女谴除寿命障碍而奉长寿九尊佛像,以及长寿三尊即无量寿、白度母和尊胜佛母千尊佛像,并且为浊世众生谴除各种瘟疫疾病而奉药师八尊佛像和千尊度母佛像,其周围设有达赖和班禅寝宫和净厨,以及会议室。

ཐོག་བརྩེགས་གསུམ་པར་དཀྱིལ་དུ་ཇོ་བོ་ཡིད་བཞིན་ནོར་བུའི་སྐུ་བརྙན་གཙོ་བོར་གྱུར་བའི་བྱང་སེམས་ཉེ་བའི་སྲས་བརྒྱད་དང་།དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན།ཁྲོ་བོ་མི་གཡོ་བ།རྟ་མགྲིན་བཅས་ཀྱི་ལྷ་ཁང་།དེ་བཞིན་ཐུབ་པའི་གནས་བརྟན་བཅུ་དྲུགརྒྱབ་ངོས་སུ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཤར་རྒྱལ་བ་ཙོང་ཁ་པ་ཡབ་སྲས་གསུམ་གཙོ་བོར་གྱུར་བའི་དཔལ་མཉམ་མེད་རི་བོ་དགེ་ལྡན་པའི་ཕྱག་ཆེན་བླ་མ་བརྒྱུད་པའི་བླ་བརྒྱུད།གཡས་ཕྱོགས་སུ་གྲུབ་མཆོག་མཚོ་སྐྱེས་རྡོ་རྗེ་སློབ་དཔོན་ཐུགས་རྗེ་ཅན་གཙོ་བོར་གྱུར་བའི་དཔལ་རྒྱལ་བ་སྔ་འགྱུར་པའི་བླ་བརྒྱུད།གཡོན་ངོས་སུ་མར་མི་དྭགས་གསུམ་གཙོ་བོར་གྱུར་བའི་དཔལ་གྲུབ་དབང་བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད་ཀྱི་བླ་བརྒྱུད།མདུན་ངོས་སུ་ས་ཆེན་ཀུན་དགའ་སྙིང་པོ་གཙོ་བོར་གྱུར་བའི་དཔལ་ལྡན་ས་སྐྱའི་ལམ་འབྲས་ཀྱི་བླ་བརྒྱུད།དེའི་ཕྱི་རོལ་གྱི་ཤར་དུ་རྡོ་རྗེ་སེམས་དཔའ་སྟོང་སྐུའི་ལྷ་ཁང་།ལྷོར་རྒྱ་ཆེན་སྤྱོད་བརྒྱུད་ཀྱི་ལྷ་ཚོགས།ནུབ་ཏུ་ལམ་རིམ་བླ་མ་བརྒྱུད་པའི་ལྷ་ཚོགས།བྱང་དུ་ཟབ་མོ་ལྟ་བརྒྱུད་ཀྱི་ལྷ་ཚོགས།

大殿三层:中央奉觉沃佛为主的八大菩萨、那烂陀寺十七大班智达、不动佛、马头明王等佛像及佛殿。其背后奉宗喀巴大师三师徒为主的格鲁派传承上师佛像,右边奉莲花生大师为主的前弘宁玛派传承上师佛像,左边奉玛尔巴大师、米拉日巴、冈波巴三师徒为主的噶举四大八小派传承上师佛像。其正前方奉萨钦贡嘎宁布为主的萨迦派道果法传承上师。其周围东边设千尊金刚萨埵佛殿,南边奉广行派众神佛像,北边奉深观派众神佛像。

ཐོག་བརྩེགས་བཞི་པའི་དཀྱིལ་དུ་རྒྱལ་བ་རྡོ་རྗེ་འཆང་གཙོ་བོར་གྱུར་བའི་བླ་མེད་ཀྱི་ལྷ་ཚོགས།གཡས་སུ་སྤྱོད་རྒྱུད་ཀྱི་ལྷ་ཚོགས།རྒྱབ་ཏུ་རྣལ་འབྱོར་རྒྱུད་ཀྱི་ལྷ་ཚོགས།གཡོན་དུ་བྱ་རྒྱུད་ཀྱི་ལྷ་ཚོགས་རྣམས་དང་།རྗེ་བཙུན་འཇམ་པའི་དབྱངས་སྟོང་སྐུ།སྤྱན་རས་གཟིགས་སྟོང་སྐུ།ཕྱག་རྡོར་སྟོང་སྐུ་བཅས་ཡོད།དེའི་ཕྱི་རོལ་གྱི་རྒྱབ་ངོས་གཡས་སུ་དཔལ་རྒྱལ་བ་ཇོ་ནང་པའི་ལྷ་ཁང་།གཡོན་དུ་ཞི་བྱེད་པའི་ལྷ་ཁང་།

大殿四层:中央奉金刚持为主的无上瑜伽部众神佛像,右边奉行部众神佛像,背面奉瑜伽部众神佛像,左边奉事部众神佛像、千尊文殊菩萨佛像、千尊观世音菩萨佛像,以及千尊金刚手菩萨佛像。其周围背右侧设希杰派佛殿,左侧设觉囊派佛殿。

ཐོག་བརྩེགས་ལྔ་པར་ཇོ་བོ་ཡིད་བཞིན་ནོར་བུ་དང་།རྒྱལ་བ་རིགས་ལྔ་གཙོ་བོར་གྱུར་བའི་ལོངས་སྐུ་དང་བྱང་སེམས་ཉེ་བའི་སྲས་བརྒྱད་ཀྱི་ལྷ་ཚོགས་བཅས་བཞུགས།

大殿五层:奉五方佛为主的法身佛殿,北边奉八大菩萨众神佛像。

གཙུག་ལག་ཁང་འདིའི་མཐའ་འཁོར་དུ་དགོན་འདིའི་གཞི་རིམ་རྐང་འཛིན་གྲྭ་ཆུང་རྣམ་པས་སློབ་སྦྱོང་བྱེད་ཡུལ་གྱི་སློབ་ཁང་ལྔ་བཅུ་བཅས་བཞུགས།དེ་ལྟ་བུའི་བཟོ་བཀོད་དང་རིན་ཐང་གཞལ་དུ་མེད་པའི་གཙུག་ལག་ཁང་འདི་ནི་དུས་ད་ལྟའི་བར་དུ་འཛམ་གླིང་སྤྱི་དང་།ཁྱད་པར་བོད་ཡུལ་གྱི་ཕྱོགས་གང་སར་སྔ་ན་མེད་པའི་གདུལ་བྱ་རྣམས་ཀྱིས་རླབས་ཆེན་བསོད་ནམས་བསག་པའི་ཞིང་ས་བླ་ན་མེད་པ་ཞིག་༧སྐྱབས་རྗེ་ཁྲི་པ་རིན་པོ་ཆེ་ཐུབ་བསྟན་སྙན་གྲགས་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་མཆོག་གི་མཛད་རྗེས་ལས་བྱུང་བའོ།།

如此庄严、博大、精湛的大殿,便可以被称为当今藏区乃至整个世界的藏传佛教璀璨明珠和叹为观止的宗教文化博物馆,也是有缘信徒积累福报的无上妙田。这一切都即便是赤巴仁波切不辞辛劳和远大决心的实体体现,而且为人类精神家园赐予的伟大贡献。


༄༅།།གཙུག་ལག་ཁང་དང་སྐུ་གསུང་ཐུགས་གསུམ་བཞེངས་པའི་ཕན་ཡོན་ཅུང་ཙམ་བཤད་པ་ལ།སངས་རྒྱས་དང་བྱང་སེམས་བདག་ཉིད་ཆེན་པོ་རྣམས་ཀྱི་ཐུགས་བསྐྱེད་དང་སྨོན་འདུན་ནི།མཐའ་ཡས་པའི་སེམས་ཅན་རྣམས་སྲིད་པའི་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ལས་བསྒྲལ་ཏེ།བདེ་ཆེན་སངས་རྒྱས་ཀྱི་ས་ལ་འགོད་པའི་ཐབས་ཁོ་ན་ལས་མ་འདས།

略作说明修建经殿、塑造身语意所依像的功德如下:诸佛菩萨大士的发心与愿望,无非是将无量众生从三有大苦海中救拔出来,安置于大乐佛地的方法。

དེ་ཡང་གཙུག་ལག་ཁང་དང་སྐུ་གསུང་ཐུགས་རྟེན་གསར་བཞེངས་མཛད་པའི་དགོས་དོན་སྙིང་པོ་ནི།ལྷར་བཅས་འགྲོ་བ་ཡོངས་ཀྱིས་རླབས་ཆེན་བསོད་ནམས་བསགས་པའི་ཞིང་ས་ཁྱད་པར་ཅན་ཞིག་བསྐྲུན་པའི་ཆེད་དུ་ཡིན།

其中,修建经殿、新塑身语意所依像的核心宗旨,就是为了成办殊胜的福田,令人天等所有众生积聚广大福德。

གལ་ཏེ་རྒྱུ་འབྱོར་སྐྲུན་པ་པོ་དག་གི་སེམས་རྒྱུད་ཚེ་འདི་སྣང་ཁོ་ནའི་དབང་དུ་སོང་སྟེ།སྐྱེ་བ་འདི་ཉིད་ཀྱི་བདེ་སྐྱིད་འགྲུབ་པའི་ཐབས་དང་།དགྲ་འདུལ་གཉེན་སྐྱོང་བྱེད་པ་སོགས་མི་དགེ་བ་འབའ་ཞིག་མ་གཏོགས་དགེ་བའི་ཀུན་སློང་རྩ་བ་ནས་མེད་ཀྱང་སྐུ་གསུང་ཐུགས་རྟེན་གྱི་སྣང་བརྙན་ཁྱད་པར་ཅན་བསྐྲུན་པ་ལ་དགོས་པ་ཁྱད་པར་ཅན་ཡོད་དེ།

假若提供财物者的心续,唯贪恋今世,除了成办今生幸福的方便、伏敌护亲等纯粹不善之外,根本没有善的动机,然而塑造殊胜身语意所依影像亦有特别的意义。

དེ་དག་མཐོང་ཐོས་དྲན་རེག་གི་ཡུལ་དུ་གྱུར་བ་ལ་བརྟེན་ནས་སྐྱེ་འགྲོ་ཁྲི་སྟོང་མང་པོའི་སེམས་རྒྱུད་ལ་དགེ་བའི་བག་ཆགས་ཁྱད་པར་ཅན་འཇོག་ཐུབ་པ་དང་།སྐྱེ་བ་ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་ཚབ་ཆེན་འདགས་པ།ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པའི་རྒྱུའི་དགེ་རྩ་དཔག་ཏུ་མེད་པ་ཞིག་བསྐྲུན་ཐུབ་པ་སོགས་དགོས་གལ་བསམ་གྱིས་མི་ཁྱབ་པ་ཡོད་པ་ཡིན་ཏེ།

依着这些见闻念触之境,能于百千万亿的众生心续中,薰染殊胜的善妙习气;能净化无始生世以来所累积的重大罪障;成办无量善根因,令证得解脱、一切智果位,有如是等不可思议的重大意义。

རྒྱུད་སྡོམ་འབྱུང་ལས།འཛམ་གླིང་ནོར་བཀང་སྦྱིན་པ་བྱིན་ན་ཡང་།།བླ་མེད་བྱང་ཆུབ་རྒྱུ་རུ་མ་ངེས་ཏེ།།ཡུངས་འབྲུ་ཙམ་ཞིག་རྒྱལ་བའི་སྐུ་གཟུགས་དག།བསྒྲུབ་ཀྱང་བྱང་ཆུབ་རྒྱུར་གྱུར་སངས་རྒྱས་ཐོབ་ཅེས་དང་།

《戒源续》说:“虽布施财宝充斥的世界,然不一定成为无上菩提之因,而只是塑造芥子许的佛像,亦成菩提之因,证得佛果。”

མདོ་ལས་ཀྱང་།བདེ་གཤེགས་སྐུ་གཟུགས་རྩིག་ངོར་བྲིས་པ་ལ།།འཁྲུགས་བཞིན་པ་ཡི་སེམས་ཀྱིས་བལྟས་ན་ཡང་།།དེ་དག་རིམ་བཞིན་སངས་རྒྱས་བྱེ་བ་མཐོང་།།ཞེས་བྱིས་པས་རྩེད་མོའི་ཕྱིར་དེ་བཞིན་གཤེགས་པའི་སྐུ་གཟུགས་རྩིག་ངོས་སུ་བྲིས་པ་ཞིག་ལ་དད་ཅིང་གུས་པས་མཇལ་བ་ལྟ་ཅི་སྨོས།དད་པ་མེད་པར་ཁྲོ་བཞིན་པས་བལྟས་ན་ཡང་།མཐོང་བ་ཙམ་གྱིས་མ་འོངས་པ་ན་སངས་རྒྱས་བྱེ་བ་མང་པོའི་ཞལ་མཇལ་བའི་བག་ཆགས་རྒྱུད་ལ་བསྐྲུན་པར་གསུངས་བ་སོགས།

经中也说:“墙壁绘佛像,散乱心观看,渐见千万佛。”是说即便愚夫为了嬉戏,毫无信心,怒视壁画中的佛像,仅由此观视,尚能于心续之中,根植未来值遇百千万亿佛陀的习气,何况信敬瞻仰其像。

མདོར་ན་མདོ་ལས།།ཟླ་བ་སྐར་མར་བཅས་པ་ས་ལ་ལྷུང་འགྱུར་སྲིད།།ས་འདི་རི་དང་གྲོང་བཅས་གཞན་དུ་འགྱུར་བ་སྲིད།།རི་རྒྱལ་ལྷུན་པོ་མཁའ་ལ་འཕུར་བར་འགྱུར་སྲིད་ཀྱི།།རྐང་གཉིས་གཙོ་བོས་གསུང་རྫུན་འགྱུར་བ་སྲིད་མ་ཡིན།།ཞེས་སོགས་གསུངས་པ་ལ་དད་ལྡན་དག་གིས་ཡིད་ཆེས་པར་བྱས་ལ་དགའ་བ་བསྒོམ་རིགས་སོ།།

总之,经说:“日月星辰可堕落,此地山城可变更,须弥空中可飞行,两足主尊话不虚!……。”对上所说,诸位信士理应深信,修习欢喜。

གཞན་ཡང་གཙུག་ལག་ཁང་དང་རྟེན་གསུམ་གསར་བཞེངས་གནང་བ་ལ་བརྟེན་ནས་བསླབ་གསུམ་ངུར་སྨིག་འཛིན་པའི་དགེ་འདུན་ཀྱི་སྡེ་འཕེལ་བ་དང་།དེ་ལ་བརྟེན་ནས་སངས་རྒྱས་ཀྱི་ལུང་དང་རྟོགས་པའི་བསྟན་པ་རིན་པོ་ཆེ་མི་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད་འོང་ཐུབ་པ་ཡིན།

复次,凭依新建经殿、塑造三依,能发展三学比丘僧团,并且使佛陀教证法宝长盛不衰或者复兴。

སྔར་རྒྱལ་བ་རང་ཉིད་ཀྱིས་ལུང་བསྟན་པའི་ཤིང་རྟ་ཆེན་པོ་དཔལ་མགོན་འཕགས་ཀླུ་སྒྲུབ་ཀྱིས་ཀྱང་།རྒྱལ་བའི་བསྟན་པ་ནམ་ཡང་མི་ནུབ་པར་ཡུན་རིང་དུ་གནས་པའི་ཕྱིར་དུ།རྒྱ་གར་ཡུལ་དབུས་ཀྱི་གྲོང་ཁྱེར་ཆེན་པོ་དྲུག་གི་གཙོས་ཕྱོགས་ཐམས་ཅད་དུ་གཙུག་ལག་ཁང་དང་མཆོད་རྟེན་བྱེ་བ་ལ་སོགས་པ་བྱས།རྡོ་རྗེ་གདན་དུ་རྡོའི་དྲ་མིག་གི་ར་བ་དང་།དཔལ་ལྡན་འབྲས་སྤུངས་ཀྱི་བཀོད་པ་ཆེན་པོ་དང་།དགེ་འདུན་གྱི་སྡེ་རྣམས་ལ་མཆོད་གཞི་མང་བོ་བཙུགས།ནག་པོ་ཆེན་པོ་ལ་སོགས་པའི་ཆོས་སྐྱོང་རྣམས་ལ་རྒྱལ་བའི་བསྟན་པ་བསྟན་འཛིན་དང་བཅས་པ་ལ་མཆོད་ཅིང་བསྙེན་བཀུར་བྱ་བར་བསྐོས་ཏེ་རྒྱལ་བའི་བསྟན་པ་སྒོ་ཀུན་ནས་འཕེལ་པར་མཛད་ཅེས་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས་འབྱུང་བ་བཞིན་ཡིན་ལ།

《道次第传承上师传》中说,往昔,佛亲授记的大车师具德怙主圣龙树,亦为令佛法永不衰落、长久住世,在中印度六大城为主的一切方所,建造了千万座寺塔等;并建造金刚座的石格围墙、吉祥哲邦大庄严道场,为诸僧团,建造众多安身办道之所。并付嘱大黑天等诸位护法,供养、承事佛教及持教大德,从一切门,弘扬佛法。

རང་རེ་ཁ་བ་གངས་ཅན་གྱི་ལྗོངས་འདིར་ཡང་སྔོན་གྱི་ཆོས་རྒྱལ་བཀའ་དྲིན་ཅན་རྣམས་ཀྱིས།མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་མང་པོ་དང་།བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་།ལྷ་ལྡན་གཙུག་ལག་ཁང་།ཕོ་བྲང་པོ་ཏཱ་ལ་སོགས་ཆེས་ཤིན་ཏུ་ངོ་མཚར་ཅན་གྱི་ལྷ་ཁང་དང་དགོན་པ་བརྒྱ་ཕྲག་མང་པོ་གསར་བཞེངས་མཛད་པ་དང་།

在我们雪域,往昔诸位大恩法王新建了镇肢镇节寺、桑耶寺、大昭寺、布达拉宫等几百座极其稀有的佛殿、寺院。

དེ་ནས་ཇོ་བོ་ཤཱཀྱ་མུ་ནེ་དང་ཇོ་བོ་མི་བསྐྱོད་རྡོ་རྗེ་རྣམ་གཉིས་ཀྱི་གཙོས་སྲིད་ན་རྙེད་པར་དཀའ་བའི་སྐུ་གསུང་ཐུགས་རྟེན་གྲངས་ལས་འདས་པ་གདན་འདྲེན་དང་གསར་བཞེངས་མཛད་པ་དང་།

然后,迎请或新塑,觉沃释迦牟尼、觉沃不动金刚二像为主,世间罕得、数不胜数的身语意所依。

དེ་དག་ལ་བརྟེན་ནས་བསླབ་གསུམ་ངུར་སྨྲིག་འཛིན་པའི་དགེ་འདུན་གྱི་སྡེ་དབྱར་མཚོ་ལྟར་འཕེལ་བར་མཛད་པ་སོགས་ཀྱི་ཕན་ཡོན་དང་བཀའ་དྲིན་ལ་བརྟེན་ནས་དུས་ད་ལྟའང་བོད་རྒྱུད་ནང་བསྟན་འདི་ཉིད་མཐའ་དབུས་ཡུལ་ཁམས་ཐམས་ཅད་དུ་དར་རྒྱས་གོང་འཕེལ་དུ་སོང་ནས་སྐལ་ལྡན་གྱི་གདུལ་བྱ་བགྲང་ལས་འདས་པ་ཆོས་འབྱོར་བདེ་སྐྱིད་ཀྱི་དཔལ་ལ་རོལ་བཞིན་པ་འདི་དག་ནི་སྔོན་གྱི་ཆོས་རྒྱལ་གོང་མ་རྣམས་ཀྱིས་རླབས་ཆེན་བསོད་ནམས་བསགས་པའི་ལག་རྗེས་ལས་བྱུང་བ་ནི་ཤིན་ཏུ་ནས་གསལ་པོ་ཡིན་ནོ།།

从而使三学比丘僧团犹如夏海一般,增盛广布。依于如是等利益、恩德,现今藏传佛教已普遍弘扬于各地,不可计数的有缘弟子享受着法益喜乐。非常明显,这一切皆源于往昔诸位法王先圣所积广大福德的伟绩。

གཞན་ཡང་རྗེ་ཙོང་ཁ་པ་ཆེན་པོའི་རྣམ་ཐར་དད་པའི་འཇུག་ངོགས་ལས།གཞན་ཡང་གཙུག་ལག་ཁང་དང་།བདེ་བར་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་དང་།དཀོན་མཆོག་གསུམ་གྱི་མཆོད་པ་དང་།བླ་མ་གོང་མ་དག་གི་འདས་མཆོད་ནར་མ་དང་།དེ་བཞིན་གཤེགས་པའི་དུས་མཆོད་ཆེན་པོ་བཞི་ལ་སོགས་པའི་མཆོད་པ་ནར་མ་དང་།ཀློག་པ་དང་སྒྲུབ་པ་ལྷུར་ལེན་པ་བརྒྱ་སྟོང་ཕྲག་མང་པོ་ཞིག་གི་འཚོ་བའི་ཡོ་བྱད་དུ་གཏོང་བ་ལ་སོགས་པའི་ཚུལ་བསམ་པར་མི་ནུས་ཏེ།ཞེས་སོགས་དང་།

另外,至尊宗喀巴大师传《信心津梁》中说:“另外,建造经堂、善逝身语意所依、陈献三宝供品、诸先师常年祭供、如来四大期供等常供,为成千上万专心读诵修持者,施舍生活资具等,如是情形,难以想象。……。”

འཕགས་པའི་ཡུལ་དུ་འཕགས་པ་ཀླུ་སྒྲུབ་ཀྱིས་རྒྱལ་བའི་བསྟན་པ་ལ་བྱ་བ་ཆེན་པོ་མཛད་པ་དེ་བཞིན་དུ།དུས་ཀྱི་མཐའ་མ་འདི་ལྟ་བུར་གྱུར་བ་ན།རྗེ་བླ་མ་འདི་ཉིད་ཀྱིས་གངས་རིའི་ཁྲོད་འདིར།རྒྱལ་བའི་བསྟན་པའི་སྙིང་པོ་མཐའ་དག་རྒྱལ་བའི་དགོངས་པ་ཇི་ལྟ་བ་བཞིན་དུ་གཞི་ནས་བསླངས་ཏེ་གསལ་བར་མཛད་པ་ཡང་ཚུལ་དེ་དང་ཁྱད་པར་མ་མཆིས་པ་ཡིན་པས།

如于圣境,圣龙树对于佛教做出大贡献,同样,在这般末劫,至尊宗大师在此雪域丛中,完全如佛意趣,从基础上重新树起一切佛法心要,亦与圣龙树所做,无有差异。

སྐྱེས་བུ་དམ་པའི་ངོ་མཚར་བའི་མཛད་པ་ཕུལ་དུ་བྱུང་བ་དག་མཐོང་ཞིང་ཐོས་པ་ཙམ་ཉིད་ནས།དུག་སྦྲུལ་གྱིས་གླ་རྩིའི་དྲི་ཚོར་བ་བཞིན་དུ་ཡིད་ཚེར་མའི་མལ་དུ་ཉལ་བ་ལྟ་བུར་མ་བྱེད་པར་བདག་ཉིད་ལ་རྗེས་སུ་ལྟ་བར་བྱོས་ཤིགཅེས་ཇི་ལྟར་གསུངས་བ་ལྟར།

如所说“当亲见或听闻大士殊胜稀有的大行,不可像毒蛇感受到麝香般,心慌意乱,如处荆棘丛中,而当仰视于彼”。

ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཀུན་མཁྱེན་ཙོང་ཁ་པ་ཆེན་པོ་རྗེ་བཙུན་བློ་བཟང་གྲགས་པའི་དཔལ་ཞེས་ས་གསུམ་ན་འགྲན་ཟླ་དང་བྲལ་བ་དེ་ཉིད་ཀྱིས་མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་ཚང་ལ་མ་ནོར་བ་འདི་ཉིད་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་འཛིན་སྤེལ་གྱི་བྱེད་པོ་མཚན་སྙན་སྲིད་པ་གསུམ་གྱི་ཁོང་ན་ཆེས་ཆེར་མངོན་པར་མཐོ་བ་གདན་ས་ཆེན་པོ་སེ་འབྲས་དགེ་གསུམ་གྱི་གཙོས་ཆོས་སྡེ་མང་པོར་གསེར་མདོག་ཅོད་པཎ་འཆང་པའི་རིང་ལུགས་འཛིན་པ་ངེས་དོན་ཚད་མའི་སྐྱེས་ཆེན་དམ་པ་རྒྱུ་སྐར་གྱི་གྲངས་ལ་འགྲན་པར་ནུས་པ་ལྟ་བུ་བགྲང་ཡང་བགྲང་བར་མི་ནུས་པ་བྱོན་དང་འབྱོན་པར་འགྱུར་བ་འདི་དག་ནི་

三界法王遍智宗喀巴大师至尊善慧名称,三地无与伦比,以讲修二门,受持弘扬全圆无谬的显密双运教法,美妙名称遍布三有。在以色拉寺、哲邦寺、甘丹寺三大寺为主的众 多寺院中,受持黄帽宗风了义具量的大士,多如繁星,数不胜数,或已应世,或当应世。

འཇམ་མགོན་བདག་ཉིད་ཆེན་པོའི་རླབས་ཆེན་ཐུགས་རྗེའི་གྲིབ་བསིལ་གྱི་མཐུ་ལས།ཆེས་ཤིན་ཏུ་ངོ་མཚར་བའི་བཤད་སྒྲུབ་ཀྱི་བསྟི་གནས་གསར་དུ་བསྐྲུན་པའི་ལག་རྗེས་ལས་བྱུང་པ་ནི་ལོང་བས་མིག་ལྡན་ལ་ལམ་སྟོན་བྱེད་ག་ལ་དགོས་སོ།།

这些皆源自于依文殊怙主大师广大的悲心荫蔽之力,新建了极其稀有殊胜的讲修道场。如盲人必须依靠明眼人指示道路。

དེ་ལྟར་ཕན་ཡོན་དང་གསལ་བཤད་ཅུང་ཙམ་བརྗོད་པའི་དགོས་པ་ནི།ཤེས་ལྡན་སྐྱེ་བོ་ཕོ་མོ་རྣམས་སྤྲོ་བ་འཕེལ་བ་དང་རྗེས་སུ་ཡི་རང་སོགས་གནང་བའི་ཆེད་དུ་ཡིན།

如是略为说明其功德的目的,是为了令诸具慧善男信女增长好乐、随喜之心等。

མཐའ་དོན་འདི་ལྟ་བུའི་རྣམ་པར་དཀར་བའི་ལས་བསྒྲུབ་པ་ལ་བསླབ་བྱ་དང་ལམ་སྟོན་གནང་མཁན།མ་ཟད་དངོས་པོའི་མཐུན་སྦྱོར་དང་རོགས་རམས་བྱེད་མཁན།

最后,为修成此般净洁白业,开示学处、示道的人士;不仅如此,而且提供物资帮助的人士;

རྣམ་དཀར་གྱི་བྱ་བ་འདིའི་ཆེད་དུ་ཚོང་ལས་དང་བཟོ་ལས་བྱེད་མཁན།འདི་ལ་ཕྱོགས་གང་ས་ནས་དགའ་བ་སྒོམ་པ་དང་ཕྲག་དོག་བྱེད་མཁན།

为此善业,经商做工的人士;各方于此修习欢喜或嫉妒的人士;

ས་རྡོ་སྦར་མོ་གང་དང་།ཆུ་ཐིགས་པ་གཅིགརྩྭ་ཤིང་རྐང་གཅིག་ཙམ་ཡན་ཆད་ཀྱི་འབྲེལ་བ་ཐོགས་པ་དང་།

甚至有着一把土石、一滴水、一根草关系的人士;

དེ་བཞིན་བྱ་བ་འདི་སྒྲུབ་དུས་སུ་ས་རྐོ་རྡོ་སློག་གི་སྐབས་དང་ལས་བཟོ་པ་རྣམས་ཀྱི་རྐང་འོག་ཏུ་ཤི་བའི་འབུ་སྲིན་དང་།འཕྲུལ་འཁོར་གྱིས་བསད་པའི་ཉ་ལྕོང་སྦལ་གསུམ་སོགས་དང་།

同样,在成办此事期间,死于挖土翻石及工人脚下的虫蚁;机器所杀鱼、蝌蚪、蛙等;

མདོར་ན་བརྟེན་བཞེངས་དག་གི་ཆེད་དུ་གོམ་པ་གཅིག་བོར་བ་ཚུན་ཆད་ཀྱི་འབྲེལ་བ་ཐོགས་པའི་མི་དང་དུད་འགྲོ་ལ་སོགས་པའི་སེམས་ཅན་འདས་གསོན་ཐམས་ཅད་དང་།

总之,为建经堂,有着下至一步关系的人或其它生灵,不管活着或死去的一切含识;

རང་བཞིན་གྱིས་མཐོང་ཐོས་སུ་གྱུར་བའི་སྐྱེ་བོ་མཆོག་དམན་བར་མ་ཐམས་ཅད་རྣམ་པར་དཀར་བའི་བསོད་ནམས་ཀྱི་ཕུང་པོ་འདིའི་མཐུ་ལས་གནས་སྐབས་སུ་དགའ་ལྡན་ཆོས་ཀྱི་མདུན་སར་འཕགས་མཆོག་མི་ཕམ་མགོན་པོའི་གསུང་གི་བདུད་རྩི་ལ་ངོམས་མེད་དུ་ལོངས་སྤྱོད་ཅིང་།

凡是见闻此盛事的胜劣中庸一切人士,依此洁白福德蕴聚之力,现阶段得于兜率内院,无厌足地饱享弥勒怙主的法语甘露。

མ་འོངས་པ་ན་རྗེ་བཙུན་བྱམས་པ་མགོན་པོ་ཞིང་འདིར་བྱོན་པའི་ཚེ་མི་འབྲལ་མཎྡྲལ་ཚོམ་བུ་གཅིག་ཏུ་འཁོར་གྱི་ཐོག་མར་སྐྱེ་བ་སོགས་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་མྱུར་དུ་ཐོབ་པའི་ཆེད་དུ།མདོ་ཁམས་རྫ་སེར་ཤུལ་དགོན་ཐེག་ཆེན་དར་རྒྱས་གླིང་ཞེས་པའི་ཆོས་སྡེ་ཆེན་པོ་འདི་ཉིད་ཇི་སྲིད་གནས་ཀྱི་བར་དུ་ཐུགས་སྨོན་སྐྱབས་འཇུག་རྒྱུན་མི་ཆད་དུ་གནང་ངེས་པ་ཡིན་ནོ།།

复于未来,至尊弥勒怙主降世之时,不相舍离,如一曼则堆,生为上首眷属等,速证解脱与一切智之位。为此,西康色须寺乃至存世之间,定会不间断地发愿施佑。

མདོ་ཁམས་རྫ་སེར་ཤུལ་དགོན་ཐེག་ཆེན་དར་རྒྱས་གླིང་འདི་ཉིད་ཐོག་མར་ཕྱག་བཏབ་པའི་དུས་ནི།ཇི་སྐད་དུ།གྲུབ་ཆེན་བདུད་འདུལ་རྡོ་རྗེའི་གཏེར་ལུང་ལས།གནས་བཟང་པོ་མཆོག་རྒྱན་རི་བཀྲ་ལ།།ཉམས་ཆགས་པའི་ས་བཟང་བཀྲ་ཤིས་ལྡན།།དུས་གཡུ་འབྲུག་སྔོན་མོས་བདག་བྱས་ནས།།དཔལ་གསེར་མདོག་ཅན་གྱི་རྫིང་བུ་འཁྱིལ།།བྱ་ངང་སེར་གྱི་འདུ་རས་ས་གཞི་ཁྱབ།།ཆོས་ཟག་མེད་ཀྱི་སྦྲང་ཆར་སིལ་མ་འབེབ།།རི་མཐོན་པོའི་རྩེ་ཡི་ཉི་མ་དེ།།མཚོ་ཆེན་པོར་གཟུགས་བརྙན་ལན་གྲངས་འཆར།།ཞེས་ཇི་ལྟར་ལུང་དུ་བསྟན་པ་ལྟར་རབ་བྱུང་བཅུ་གཉིས་པའི་ནང་དུ་རྒྱལ་མཆོག་བསྐལ་བཟང་རྒྱ་མཚོ་དང་།རྗེ་ཕུར་ལྕོག་ངག་དབང་བྱམས་པ་གཉིས་ཀྱི་དངོས་སློབ་༧སྐྱབས་རྗེ་ཁྲི་ཐོག་༣༧པ་དཔོན་ཚང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གི་སྐུའི་སྐྱེས་རབས་ཀྱི་འཕྲེང་བ་འཛིན་པ་ལུང་དང་རྟོགས་པའི་བདག་ཉིད་ཆེན་པོ།སོག་བཀའ་བཅུ་བ་༧རྗེ་བཙུན་བློ་བཟང་ཆོས་དར་དཔལ་བཟང་པོ་མཆོག་གིས་ཕྱག་བཏབ་པར་མཛད།

在最初修建西康色须寺时,如大成就者降魔金刚的伏藏法中授记:“宝所饰山美,地势呈吉祥,时青龙执掌,汇合金色湖,鹅黄遍大地,降无漏蜜露,高山顶昊日,影数现大海。”于第十二胜生期间,法王格桑嘉措与至尊普觉阿旺香巴二位的亲传弟子、救怙主第三十七任色须寺法台本仓仁波切转世体系的第一世教证大德——蒙古十论师至尊洛桑球达倡建。

དེ་ནས་པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་དཔལ་ལྡན་བསྟན་པའི་ཉི་མ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེ་དཔལ་བཟང་པོ་དང་།དགའ་ལྡན་ཁྲི་རིན་པོ་ཆེ་འཇམ་དཔལ་ཚུལ་ཁྲིམས་སོགས་དམ་པ་དུ་མས་ཇི་ལྟར་ལུང་དུ་བསྟན་པ་ལྟར་རྗེ་བཙུན་བློ་བཟང་ཡེ་ཤེས་བསྟན་འཛིན་མཆོག་ཐུགས་བསྐྱེད་ཀྱི་འབྲས་བུ་ཟབ་མོ་དུས་སུ་སྨིན་ཏེ་རིམ་གྱིས་མདོ་ཁམས་ཀྱི་ལྗོངས་སུ་ཕེབས་ནས་སེར་ཤུལ་དགོན་ཐེག་ཆེན་དར་རྒྱས་གླིང་འདིར་དམ་ཆོས་འདུལ་བ་དང་ཟུང་དུ་འབྲེལ་ནས་བཅའ་ཡིག་དང་སྒྲིག་གྲྭ་ཁྲིམས་འཇོག་པ་སོགས་བསྟན་པ་དར་ཞིང་རྒྱས་བར་མཛད་དོ།།

其后,如班禅一切智洛桑华丹旦白尼玛萧理南杰德、甘丹法台仁波切嘉华次成等众多大德的授记,至尊洛桑耶喜丹增甚深发心之果,时节因缘成熟,渐渐到达西康,在此色须寺,结合正法戒律,制定寺院清规等,大弘教法。

དེ་ནས་དུས་ད་ལྟའི་བར་༧སྐྱབས་རྗེ་བླ་མ་རྣམ་གཉིས་སྐུ་འཕྲེང་རིམ་བྱོན་གྱིས་ཆོས་སྡེ་འདི་ཉིད་བཀའ་དྲིན་གྱིས་བསྐྱང་བར་མཛད།

从此之后,直至今日,两位至尊上师历代转世化身仍以无边恩德守护着这座寺院。

ལྷག་དོན་ཁྲི་ཐོག་དང་པོ་རྗེ་བཙུན་བློ་བཟང་ཡེ་ཤེས་བསྟན་འཛིན་ནས་མ་འོངས་པར་ཁྲི་ཐོག་ཉེར་ལྔ་པ་དང་།སོ་བདུན་པ་རྣམ་གཉིས་གཞན་དང་མཚུངས་བ་མེད་པའི་སྐྱེས་བུ་དམ་པ་ཞིག་འབྱོན་ཞེས་ཇི་ལྟར་ལུང་དུ་བསྟན་པ་ལྟར་ཉེར་ལྔ་པ་མགར་བའི་ཁྲི་བ་མཆོག་ནི་པཎ་ཆེན་སྐུ་འཕྲེང་དགུ་བ་མཆོག་དགོན་འདིར་ཕེབས་སྐབས་མཁས་གྲུབ་དགེ་ལེགས་དཔལ་བཟང་པོ་དངོས་སུ་མཇལ་ཞེས་གསུངས་ནས་མཇལ་དར་སྒྲོན་པ་སོགས་ངོ་མཚར་ཅན་གྱི་ལོ་རྒྱུས་ཡོད།

特别如授记所说“从第一任法台至尊洛桑耶喜丹增算起,未来出现的第二十五任、第三十七任二位法台,皆是他人无与伦比的大士。”当第九世班禅莅临本寺时,第二十五任法台嘠瓦曾说“亲见克主格勒华桑布”,并献上哈达等,有着这般稀有的故事。

ཁྲི་ཐོག་སོ་བདུན་པ་ནི་༧སྐྱབས་རྗེ་ཁྲི་བ་ཡིད་བཞིན་ནོར་བུ་ཐུབ་བསྟན་སྙན་གྲགས་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་མཆོག་ཡིན་ལ།དམ་པ་འདིས་ཆོས་སྡེ་འདི་ཙམ་མ་ཟད་རྒྱལ་བསྟན་མི་རིགས་དང་བཅས་པར་ཞབས་འདེགས་ཇི་ལྟར་ཞུས་པའི་ཚུལ་ནི་བསམ་བརྗོད་ཀྱི་ཡུལ་ལས་འདས་བར་མཛད། ཞེས་པ་འདི་ནི་སེར་བྱེས་དགེ་བཤེས་དཀོན་མཆོག་ཐོས་བསམ་གྱིས་བྲིས་པ་དགེའོ། །

第三十七任法台是依怙至尊赤巴如意宝——图布丹年智却吉坚赞,这位大德,不仅为本寺,而且如何服务佛教民族的事迹,都是不可思议、不可言诠的。


གོང་གི་རྒྱ་ཡིག་བསྒྱུར་མཁན་ནི་རྒྱའི་དགེ་སློང་སྐལ་བཟང་ཆོས་འཕེལ་ ལགས་ཀྱིས་བསྒྱུར་གནང་མཛད་པའོ།།

妙方法师译


(部分图片来源于网络 如有侵权 请联系删除)


色须寺官网

菩提光


www.buddhilight.com

更多佛法内容及色须寺讯息

Copyright © 西藏跟团游价格联盟@2017